拉萨市新型冠状病毒感染的肺炎疫情联防联控工作领导小组通告

2020-01-29 00:00:00 来源:拉萨市人民政府网 作者:消息 责任编辑:康康 字号:T|T

ཨང་1པོ།

1

སྤྱི་ལོ་2020ལོའི་ཟླ་1ཚེས་27ཉིན། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་འབོད་སྐུལ་རིམ་པ་གཉིས་པ་ལག་བསྟར་བྱས་པ་དང་། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་སྤྱི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱེད་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་བསྟུན་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་ནང་དོན་གཞིར་བཟུང་ད་ལྟ་འབྲེལ་ཡོད་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།  

2020127日,西藏自治区启动重大突发公共卫生事件Ⅱ级响应,为切实做好新型冠状病毒感染的肺炎疫情防控工作,保障公众的健康安全,依据《中华人民共和国传染病防治法》、国务院《突发公共卫生事件应急条例》等法律法规,现将有关事项通告如下:

 གཅིག  གནམ་གྲུ་འབབ་ཐང་དང་མེ་འཁོར་འབབ་ཚུགས། གྲོང་ཁྱེར་གྱི་འཛུལ་སྒོ་གཙོ་བོ་སོགས་སུ་མཉམ་འགོག་མཉམ་བཅོས་ཀྱི་རིམས་ནད་བརྟག་དཔྱད་ས་ཚིགས་བཙུགས་ནས་རང་མིང་འགོད་པ་དང་ལུས་པོའི་དྲོད་ཚད་འཇལ་རྒྱུ་ཡིན་པས། ལྷ་ས་གྲོང་ཁྱེར་དུ་ཡོང་མཁན་ཚང་མས་ཁ་རས་རྒྱག་པ་དང་། བརྟག་དཔྱད་ལ་རང་འགུལ་ཐོག་གཞོགས་འདེགས་དང་དང་ལེན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནས་ཚུལ་སྐད་ཆ་དྲིས་ཚེ་ལན་དྲང་པོ་རྒྱག་དགོས།  

一、在机场、火车站、城市主要出入口等地设置联防联控检疫点进行实名登记、体温检测;所有进入人员需佩戴口罩,主动配合接受检测,如实回答询问。

གཉིས། རིམས་ནད་ཁུལ་ནས་ལྷ་སར་ཡོང་མཁན་རྣམས་ཉིན་14རིང་དམིགས་བཙུགས་ས་ཆར་ལོགས་སུ་བཞག་ནས་ལྟ་ཞིབ་བྱེད་རྒྱུ་ཡིན་ལ། ཐེམ་ཁོངས་བོད་ལྗོངས་ནས་ཡིན་པ་དང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ། ལྷ་སར་སྡོད་ཁང་ཡོད་པའི་ཚོང་པ། ལྷ་སར་ལས་ཀ་བྱེད་མཁན་སོགས་ཡིན་ཚེ་ཉིན་14རིང་ཁྱིམ་དུ་ལོགས་སུ་སྡོད་པ་ལས་ཕྱི་ལ་འགྲོ་མི་ཆོག གལ་སྲིད་ཚ་བ་རྒྱས་པ་དང་ལུས་ཐང་ཆད་པ། སྐམ་གློ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་འཕྲལ་དུ་དམིགས་བཙུགས་སྨན་བཅོས་ཚན་པའི་ཚ་བ་རྒྱས་མཁན་སྒོ་བསྟེན་སྨན་ཁང་དུ་སྨན་པ་བསྟེན་པར་འགྲོ་དགོས།  

二、进入拉萨市的疫区人员将进行为期14天的定点隔离观察;区内户籍人员,单位干部职工,有居所的经商、从业等人员将进行为期14天的居家隔离,不得离开居所。如果出现发热、乏力、干咳等症状,要及时到指定医疗机构发热门诊就诊。

གསུམ།  གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་ཁེ་ལས་རྣམས་གནས་སྐབས་ཚོང་གཉེར་བྱེད་མཚམས་འཇོག་རྒྱུ་མ་ཟད། ཕོ་བྲང་པོ་ཏ་ལ་དང་གནམ་མཚོ། གཙུག་ལག་ཁང་། ར་མོ་ཆེ། འབྲས་སྤུངས།  སེ་ར། དགའ་ལྡན་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གི་ཡུལ་སྐོར་དང་མཆོད་མཇལ་གནས་སྐབས་མཚམས་འཇོག་བྱེད་རྒྱུ།  གླུ་གར་རོལ་རྩེད་ཁང་དང་དྲ་ཁང་། ཟ་ཁང་། གློག་བརྙན་ཁང་སོགས་གནས་སྐབས་སྒོ་རྒྱག་རྒྱུ།  མི་ཚོགས་འདུ་བའི་བྱེད་སྒོ་ཁག་མཚམས་འཇོག་རྒྱུ་མ་ཟད་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ནས་མི་ཚོགས་འདུ་ས་རྣམས་རིམ་བཞིན་སྒོ་རྒྱག་རྒྱུ།   

三、全市旅行社和在线旅游企业暂停经营活动;暂时关停布达拉宫、纳木措、大昭寺、小昭寺、哲蚌寺、色拉寺、甘丹寺等景区景点、宗教活动场所;暂时关停歌舞娱乐场所、网吧、甜茶馆、电影院等场所;取消各类聚集性活动,并根据疫情发展情况有序关停聚集性场所。

བཞི།  ཞིང་ཟོག་ཁྲོམ་ར་དང་ཚོང་རའི་བྱ་རིགས་གསོན་པོ་ཚོང་གཉེར་དང་གསོད་པའི་རིགས་གནས་སྐབས་མཚམས་འཇོག་བྱེད་དགོས་པ་མ་ཟད།  ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་དབོར་འདྲེན་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་ཚོང་གཉེར་བྱེད་མི་ཆོག

四、暂停农(集)贸市场活禽交易和宰杀,严禁非法转运、销售野生动物及其制品。

ལྔ།   རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་ལ་ཡིད་ཆེསདཀྲོག་གཏམ་བརྒྱུད་སྒྲོག་བཅས་བྱེད་མི་རུང་ལ་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་མི་རུང་།

五、广大市民、游客应不制造、不听信、不传播不实言论,不扰乱社会公共秩序。

དྲུག  ལྷ་ས་གྲོང་ཁྱེར་མངའ་ཁོངས་སུ་ཡོད་པའི་ལས་ཁུངས་དང་བདེ་སྡོད་ཁུལ་ཆུང་། གྲོང་ཚོ་དང་གྲོང་ལྷན་ཁག་གིས་འགྲོ་འོང་བྱེད་མི་ཐོ་འགོད་ལམ་ལུགས་བཟོ་དགོས

六、拉萨市辖区内各单位、各小区、各村(居)委会要建立人员进出登记制度。

བདུན།   གལ་སྲིད་བརྡ་ཁྱབ་འདིའི་ནང་དོན་དང་འགལ་བའི་བྱ་སྤྱོད་སྤེལ་ཚེ། གྲོང་ཁྱེར་དང་རྫོང་ཆུདཁག་གི་འབྲེལ་ཡོད་ཚན་པས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ

七、如果有违反本通告的行为,由市或县(区)有关部门依法处理。

བརྒྱད།   བརྡ་ཁྱབ་འདི་འགྲེམས་སྤེལ་བྱས་པ་ནས་བཟུང་ལག་བསྟར་བྱེད་རྒྱུ་དང་། བརྡ་ཁྱབ་འདིས་ཚོད་འཛིན་བྱེད་པའི་བྱ་ཐབས་ཁག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕེལ་རིམ་དངོས་ལ་གཞིགས་ཏེལོགས་སུ་བརྡ་ཁྱབ་བཏང་ནས་མེད་པ་བཟོ་རྒྱུ  

八、本通告自发布之时施行,该通告限制性措施根据疫情防控情况,另行通告解除。

གལ་སྲིད་དོགས་གཞི་ཡོད་ཚེ་ཁ་པར་ཐོག་ནས་བློ་འདྲི་བྱེད་ཆོག  འབྲེལ་གཏུག་ཁ་པར།   0891-6344301 དང་0891-6344255

如有疑问,请电话咨询。联系电话:08916344301   08916344255

ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།

拉萨市新型冠状病毒感染的肺炎疫情联防联控领导小组办公室

སྤྱི་ལོ་2020ལོའི་ཟླ་1ཚེས་28ཉིན

2020128

相关推荐


解读中国 关注民生 引领休闲
扫码关注中国小康网公众号
ID:chxk365
返回顶部