拉萨市新型冠状病毒感染的肺炎疫情联防联控工作领导小组通告

2020-02-06 00:00:00 来源:拉萨市人民政府网 作者:消息 责任编辑:康康 字号:T|T

ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བརྡ་ཁྱབ།

ཨང་གསུམ་པ།

རང་རེའི་གྲོང་ཁྱེར་གྱི་གྲོང་མི་ཡོངས་ལ་ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། གཟུགས་པོར་ཤུགས་མེད་པ་སོགས་ཀྱི་དོགས་ཡོད་ནད་རྟགས་ཐོན་ཚེ། ལམ་སེང་ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་པ་ལས་གྲུབ་པའི་སྲོག་སྐྱོབ་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་ཚོགས་ཆུང་ལ་སྙན་སེང་ཞུ་དགོས་པ་མ་ཟད། ཁོང་རྣམ་པའི་ཁྲིད་སྟོན་འོག་དུས་ཐོག་ཏུ་དམིགས་བཙུགས་སྨན་ཁང་གི་ཚ་བ་རྒྱས་མཁན་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་དུ་སྐྱོད་དགོས།

གནམ་གྲུ་འབབ་ཐང་དང་། མེ་འཁོར་འབབ་ཚུགས། སྤྱི་བདེའི་ཞིབ་བཤེར་ས་ཚིགས། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་སྒོ་ར། གྲོང་མིའི་སྡོད་ཁུལ། གསོལ་མགྲོན་ཁང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཞིང་ཟོག་ཁྲོམ་ར་སོགས་འགན་འཁྲི་གཙོ་བོ་འཁུར་མཁན་ཚན་པས་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཡོད་པའི་མི་ཤེས་རྟོགས་བྱུང་ཚེ། འཕྲལ་དུ་ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་པ་ལས་གྲུབ་པའི་སྲོག་སྐྱོབ་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་ཚོགས་ཆུང་ལ་སྙན་སེང་ཞུ་དགོས་པ་མ་ཟད། ཁོང་རྣམ་པའི་ཁྲིད་སྟོན་འོག་དུས་ཐོག་ཏུ་དམིགས་བཙུགས་སྨན་ཁང་གི་ཚ་བ་རྒྱས་མཁན་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་དུ་སྐྱེལ་དགོས།

སྲོག་སྐྱོབ་སྨན་བཅོས་ཚོགས་ཆུང་གི་འབྲེལ་གཏུག་ཁ་པར།

0891-6369422 དང་13659507009

འབྲེལ་གཏུག་བྱ་ཡུལ། ཕན་ཐོགས།

དམིགས་བཙུགས་ཚ་བ་རྒྱས་མཁན་སྒོ་བསྟེན་སྨན་ཁང་།

1.བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་།

2. བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་།

3. བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ།

4. བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ།

5.  བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་།

6. དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་།

7. ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་།

ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་ གཞུང་ལས་ཁང་གིས།  

སྤྱི་ལོ་2020ལོའི་ཟླ་2ཚེས་6ཉིན།

  

拉萨市新型冠状病毒感染的肺炎疫情联防联控工作领导小组通告

3

本市全体居民出现发热、咳嗽、咽痛、胸闷、呼吸困难、乏力等可疑症状,应及时向拉萨市新型冠状病毒感染的肺炎疫情联控领导小组专家救治防控组报告,并在其指导下及时到指定医院发热门诊就诊。

在机场、火车站、公安检查站,机关企事业单位大院、居民小区,宾馆酒店、商场超市、农贸市场等各主责单位发现发热等症状人员,第一时间向拉萨市新型冠状病毒感染的肺炎疫情联控领导小组专家救治防控组报告,并在其指导下及时送往指定医院发热门诊就诊。

救治组联系电话:0891-6369422     13659507009

联系人:

定点发热门诊:

1.西藏自治区人民医院

2.西藏自治区藏医院

3.西藏自治区第二人民医院

4.西藏自治区第三人民医院

5.西藏军区总医院

6.武警西藏总队医院

7.拉萨市人民医院

拉萨市新型冠状病毒感染的肺炎疫情联防联控领导小组办公室

202026

相关推荐


解读中国 关注民生 引领休闲
扫码关注中国小康网公众号
ID:chxk365
返回顶部