拉萨市新型冠状病毒感染的肺炎疫情联防联控工作领导小组通告

2020-02-07 00:00:00 来源:拉萨市人民政府网 作者:消息 责任编辑:康康 字号:T|T

ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བརྡ་ཁྱབ།

ཨང་བཞི་པ།

རང་རེའི་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ནན་པོ་བྱེད་པའི“ངེས་པར་དུ་བཅུ”དང་“མི་རུང་བ་བཅུ”ད་ལྟ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ་ལྟར་ཡིན་པས་རིམ་ཁག་རྩ་འཛུགས་དང་གྲོང་མི་ཡོངས་ཀྱིས་བརྩི་སྲུང་ཐོག་ལག་བསྟར་གནང་རོགས།

དང་པོ།སྔོན་འགོག་ཚོད་འཛིན་ནན་པོ་བྱེད་པའི“ངེས་པར་དུ་བཅུ”

1.ངེས་པར་དུ་དམངས་ཡོངས་སྐུལ་སློང་བྱེད་དགོས།  ལྷ་སར་ཡོད་པའི་ལས་ཁུངས་ཁེ་ལས་བྱ་གཞག་ཚན་པས(རང་སྐྱོང་ལྗོངས(ཀྲུང་དབྱང་)ཐད་གཏོགས་ཚན་པ། བཅའ་སྡོད་དཔུང་སྡེ་དང་ལྗོངས་ནང་ཁུལ་གྱི་ས་གནས་གྲོང་ཁྱེར་གྱི་ལྷ་སར་བཅའ་སྡོད་དོན་གཅོད་ཁང་)ཚན་པའི་སྒོ་རའི་ནང་གི་གྲོང་མི་དང་དོ་དམ་བྱེད་པའི་ཚོང་ཁང་བོགས་མར་ལེན་མཁན་ཐེམ་དུད། དེ་བཞིན་ཁོངས་གཏོགས་ཁེ་ལས་ཀྱི་ལས་བཟོ་བཅས་སྐུལ་སློང་བྱས་ཏེ། མཉམ་འགོག་མཉམ་འཛིན་ནང་ཞུགས་སུ་འཇུག་དགོས་པ་དང་། སྡེ་ཁུལ་གྱིས (གྲོང་ཚོས)ངེས་པར་དུ་གྲོང་མི་ཚང་མ་སྐུལ་སློང་བྱས་ནས་མཉམ་འགོག་མཉམ་འཛིན་ནང་ཞུགས་སུ་བཅུག་སྟེ། ཁྱིམ་མཚེས་ཕན་ཚུན་ལྟ་སྐུལ་རོགས་རེས་དང་། ཁྱོན་ཡོངས་སུ་ཁྱབ་པ། ཁུག་མ་ལུས་པ། གསང་མ་འཁེལ་བ། ཆད་སྐྱོན་མེད་པ་བཅས་བྱེད་དགོས། 

2.ངེས་པར་དུ་ལས་ཁུངས་ཀྱི་སྒོ་ར་དང་། གྲོང་ཚོ་དང་གྲོང་མིའི་སྡོད་ཁུལ་དུ་དོ་དམ་ནན་པོ་བྱེད་དགོས། ཤང་གྲོང་རྡལ(ཁྲོམ་ལམ)དང་སྡེ་ཁུལ་གྱི (གྲོང་ཚོའི)ལས་བྱེད་པ་དང་སྡེ་ལས་ཀུང་སིའི་དོ་དམ་པ། གཉིས་ལྡན་དུད་སྦྲེལ་གྱི་ཐེམ་དཔོན། ཚན་པའི་སྡོད་ཁུལ་གྱི་སྒོ་སྲུང་སྡོད་བྱ་སོགས་གཏན་འཁེལ་བྱས་ཏེ། སྡོད་བྱ་བཀོད་སྒྲིག་ཚད་དང་མཐུན་པ་བྱས་ནས་སྡེ་ཁུལ (གྲོང་ཚོ)འདི་གར་སྡོད་མཁན་ཚང་མར་ལག་ཁྱེར་བསྟན་ནས་ཕྱིར་ཐོན་ནང་འཛུལ་བྱེད་དུ་འཇུག་དགོས་པ་མ་ཟད། ཕྱིར་དོན་དགོས་པའི་རྒྱུ་མཚན་གང་ཡིན་སྙན་སེང་ཞུ་དགོས་པ་དང་། ཕྱི་ནས་ཡོང་བའི་མི་དང་འཁོར་རིགས་འཛུལ་འཇུག་མི་རུང་། (ལས་ཁུངས་ཀྱི་སྒོ་རའི་ནང་ནས་ཕྱིར་ཐོན་ནང་འཛུལ་བྱེད་པར་ཐོ་འགོད་ནན་པོ་བྱེད་དགོས།)མང་ཚོགས་ཕྱིར་ཐོན་ནང་འཛུལ་བྱེད་ཚུལ་གསལ་པོ་ཤེས་པ་དང་ཕྱི་མི་ནང་དུ་མི་འཛུལ་བ་བྱེད་དགོས།

3.ངེས་པར་དུ་སྤྱི་ཟླ་1ཚེས་20ཉིན་གྱི་རྗེས་སུ་བོད་དུ་སླེབས་མཁན་རྣམས་ལ་དུས་ཡུན་ཉིན་14རིང་ཁྱིམ་དུ་ལོགས་འབྱེད་ལྟ་ཞིབ་བྱས་ནས་མ་ཡོང་སྔོན་འགོག་ཐུབ་པ་བྱེད་དགོས།

4. གཏན་འཁེལ་བའི་ནད་དཔེ་ཐོན་པའི་གྲོང་ཚོ་དང་གྲོང་མིའི་སྡོད་ཁུལ། ཡང་ན་ཐོག་ཁང་སྡེ་ཚན (ལས་ཁུངས་ཀྱི་སྒོ་རའི་ནང་གི་ཐོག་ཁང་སྡེ་ཚན་ཚུད་ཡོད) བཅས་ལ་ངེས་པར་དུ་བཙན་བཀག་ལོགས་འབྱེད་བྱས་ཏེ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་རྣམས་གཅིག་བསྡུས་ལོགས་འབྱེད་བྱ་ཡུལ་དུ་བསྐྱལ་ནས་བཀག་འགོག་ནུས་ལྡན་ཐུབ་པ་བྱེད་དགོས།

5.ངེས་པར་དུ་ལས་ཁུངས་ཀྱི་སྒོ་ར་དང་། གྲོང་ཚོ། གྲོང་མིའི་སྡོད་ཁུལ་བཅས་སུ་ཉིན་ལྟར་བཞིན་ཁོར་ཡུག་གཙང་སྦྲ་ཡག་པོ་བྱེད་དགོས། ཡུལ་གནས་གཙོ་བོ་ཁག་ལ་ཉིན་ལྟར་དུག་སེལ་ཉུང་མཐར་ཐེངས་2བྱས་ནས་ཁུག་མ་ལུས་པ་དང་གསང་མ་འཁེལ་བ་བྱེད་དགོས། 

6.ངེས་པར་དུ་ལས་ཁུངས་ཀྱི་སྒོ་ར་དང་། གྲོང་ཚོ། གྲོང་མིའི་སྡོད་ཁུལ་བཅས་ཚང་མར་བེད་མེད་ཟོག་རོ་གཅིག་འགྱུར་བསྡུ་ལེན་ས་ཚིགས་བཙུགས་ནས་ཐག་གཅོད་ཚད་དང་མཐུན་པ་བྱེད་དགོས།

7.ངེས་པར་དུ་སྡེ་ཁུལ(གྲོང་ཚོའི)ནང་གི་བོགས་གཏོང་ཁང་པ་དང་། ལྷ་སར་ཡོད་པའི་རིམ་ཁག་ལས་ཁུངས(རང་སྐྱོང་ལྗོངས(ཀྲུང་དབྱང་)ཐད་གཏོགས་ཚན་པ་ཚུད་ཡོད)ཀྱི་བོགས་གཏོང་ཁང་པ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  རིམས་ནད་ཐོན་པ་ཤེས་རྟོགས་བྱུང་ཡང་དུས་ཐོག་ཏུ་སྙན་སེང་མ་ཞུས་ཚེ། བོགས་མར་གཏོང་མཁན་གྱི་འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། 

8.ངེས་པར་དུ་གྲོང་མིའི་རྟེན་འབྲེལ་དང་འདས་མཆོད་བྱེད་སྒོ་ཐོ་འགོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱིས་གྲོང་མིར་རྟེན་འབྲེལ་རིགས་བྱེད་མཚམས་འཇོག་པ་དང་འདས་མཆོད་སྟབས་བདེ་ཙམ་བྱེད་དགོས་པའི་ཁྲིད་སྟོན་བྱས་ནས་མི་འདུ་རུབ་མི་བྱེད་པ་བྱེད་དགོས།

9.ངེས་པར་དུ་སྡེ་ཁུལ (གྲོང་ཚོའི)ནང་གི་སྤྱི་སྤྱོད་ཞབས་ཞུའི་ཁུལ་ལ་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཏུང་དང་མྱུར་སྐྱེལ་སོགས་མཁོ་སྐྱེལ་གྱི་འཕྲོད་བསྟེན་ཉེན་སྐྱོན་མེད་པ་བྱེད་དགོས། ལྷ་སར་ཡོད་པའི་ལས་ཁུངས་ཁེ་ལས་བྱ་གཞག་ཚན་པ་ཚང་མ(རང་སྐྱོང་ལྗོངས(ཀྲུང་དབྱང་)ཀྱི་ཐད་གཏོགས་ཚན་པ། བཅའ་སྡོད་དཔུང་སྡེ་དང་ལྗོངས་ནང་ཁུལ་གྱི་ས་གནས་གྲོང་ཁྱེར་གྱི་ལྷ་སར་བཅའ་སྡོད་དོན་གཅོད་ཁང་ཚུད་ཡོད)དང་སྡེ་ཁུལ་གྱིས(གྲོང་ཚོས)བཟའ་བཏུང་ཞབས་ཞུ་དང་། མྱུར་སྐྱེལ་ཚབ་ལེན་སོགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམས་འགོག་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། དོ་དམ་དང་ཞབས་ཞུ་གཉིས་ཀར་གཙིགས་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འཕྲོད་བསྟེན་བདེ་འཇགས་འགན་ལེན་བྱེད་དགོས།

10. ལྷ་སར་ཡོད་པའི་ལས་ཁུངས་ཁེ་ལས་བྱ་གཞག་ཚན་པ་ཚང་མ(རང་སྐྱོང་ལྗོངས(ཀྲུང་དབྱང་)ཀྱི་ཐད་གཏོགས་ཚན་པ། བཅའ་སྡོད་དཔུང་སྡེ་དང་ལྗོངས་ནང་ཁུལ་གྱི་ས་གནས་གྲོང་ཁྱེར་གྱིས་ལྷ་སར་བཅའ་སྡོད་དོན་གཅོད་ཁང་ཚུད་ཡོད)དང་སྡེ་ཁུལ་གྱིས (གྲོང་ཚོས)ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་དྲིལ་བསྒྲགས་ཁྱབ་སྤེལ་བཏང་ནས་ཁྱིམ་དུད་ཀུན་དང་མི་ཚང་མས་ཤེས་རྟོགས་ཐུབ་པ། མི་ཚང་མར་འགན་འཁྲི་ཡོད་པ། མི་ཚང་མས་སྔོན་འགོག་ཚོད་འཛིན་བྱེད་པ་བཅས་བྱེད་དགོས།

གཉིས་པ། གྲོང་མི་ཚང་མས“མི་རུང་བ་བཅུ”

1.གྲོང་མི་ཚང་མས་རང་གནས་སའི་ཚན་པ་དང་སྡེ་ཁུལ་གྱིས (གྲོང་ཚོས)རིམས་ནད་ལེབ་བཤེར་དང་སྔོན་འགོག་ཚོད་འཛིན་བྱེད་པར་རང་འགུལ་ངང་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་ལས་སུན་སྣང་དང་རྒྱབ་འགལ་བྱེད་མི་རུང་།

2.རང་དང་རང་གི་ནང་མི་ལྗོངས་ཕྱི་ནས་ལྷ་སར་ཡོང་བ་ཡིན་ཚེ་གནས་སའི་ཚན་པ་དང་སྡེ་ཁུལ་ལ (གྲོང་ཚོར)རང་འགུལ་ཐོག་སྙན་སེང་ཞུ་དགོས་པ་མ་ཟད། ཁྱིམ་དུ་ལོགས་འབྱེད་ཉིན་14བྱེད་དགོས་པ་ལས་ཕྱི་ལ་གང་བྱུང་འགྲོ་མི་རུང་།

3.ཕྱི་ལ་འགྲོ་སྐབས་ཡག་ཤོས་བྱུང་ན་སྤྱི་སྤྱོད་འགྲིམ་འགྲུལ་འཕྲུལ་ཆས་ནང་ཉུང་ཙམ་ཞུགས་དགོས་པ་ལས་ནད་རིམས་མཆེད་པའི་ཉེན་ཁ་ཆེ་རུ་གཏོང་མི་རུང་། 

4. ཚ་བ་རྒྱས་པ་དང་གློ་རྒྱག་པའི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་མ་ཟད། གནས་སའི་ཚན་པ་དང་སྡེ་ཁུལ་ལ (གྲོང་ཚོར)སྙན་སེང་ཞུ་དགོས་པ་ལས་སྨན་བཅོས་འགོར་འགྱངས་བྱེད་མི་རུང་།

5.ཕྱི་ལ་འགྲོ་སྐབས་ཁ་རས་ཡག་པོ་རྒྱག་དགོས་པ་དང་ནང་དུ་སྡོད་སྐབས་ལག་པ་ཡང་ཡང་བཀྲུ་བ། མཁའ་རླུང་འགྲོ་རྒྱུག་ཐུབ་པ་བཅས་བྱས་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་ལས་སྣང་མེད་ལྷོད་གཡེང་གཏོང་མི་རུང་།

6.འགོག་སྲུང་མཁོ་རྫས་བེད་མེད་ཟོག་རོ་དང་འཚོ་བའི་གད་སྙིགས་ཐག་གཅོད་གང་ལེགས་བྱེད་དགོས་པ་ལས་གང་བྱུང་དུ་གཡུག་མི་རུང་།

7.མི་མང་འདུ་རུབ་བྱེད་ཡུལ་དུ་ཡག་ཤོས་བྱུང་ན་ཉུང་ཙམ་འགྲོ་དགོས་པ་ལས་འདུ་འཛོམས་དང་གཉེན་ཉེའི་སར་འཚམས་འདྲིར་བཅར་བའི་རིགས་བྱེད་མི་རུང་།

8. ཕྱི་ནས་ཡོང་མིའི་གནས་ཚུལ་རང་གནས་སའི་ཚན་པ་དང་སྡེ་ཁུལ་ལ (གྲོང་ཚོར)རང་འགུལ་གྱིས་སྙན་སེང་ཞུ་དགོས་པ་ལས་སྦས་སྐུང་དང་དུས་འགྱངས་སྙན་སེང་ཞུ་བའི་རིགས་བྱེད་མི་རུང་།

9.འཚོ་བའི་མཁོ་རྫས་དཔྱོད་ཤེས་ལྡན་པའི་སྒོ་ནས་ཉོ་སྒྲུབ་དང་གསོག་འཇོག་བྱེད་དགོས་པ་ལས་རྨོངས་ཚོད་ཀྱིས་ཧབ་ཉོ་བརྒྱབ་ནས་གསོག་འཇོག་བྱེད་མི་རུང་།

10.རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཚུལ་དང་སྔོན་འགོག་ཤེས་བྱ་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་རང་འགུལ་ངང་རྒྱུས་ལོན་བྱེད་དགོས་པ་ལས་དཀྲོག་གཏམ་ལ་ཡིད་ཆེས་དང་དཀྲོག་གཏམ་བརྒྱུད་སྒྲོག   དཀྲོག་གཏམ་བཟོ་བ་བཅས་བྱེད་མི་རུང་། 

ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།  

སྤྱི་ལོ་2020ལོའི་ཟླ་2ཚེས་6ཉིན།

拉萨市新型冠状病毒感染的肺炎疫情联防联控工作领导小组通告

4

现将拉萨市疫情严防严控“十必须”“十不要”通告如下,请各级组织和全体市民遵照执行。

一、严格防控“十必须”

1.必须做到全民动员。所有在拉萨的机关企事业单位(包括区(中)直单位、驻军部队和区内地市在拉萨办事处)必须动员单位大院居民、所管理的门面房租户和下属企业职工共同参与群防群控,社区(村)必须动员全体市民共同参与群防群控,做到邻里互助互促,做到全面覆盖、无死角无盲区无漏洞。

2.必须对机关大院、村庄和居民小区实行严格管理。确定乡镇(街道)和社区(村)干部、物业公司管理人员、双联户长、单位小区门卫值班人员等力量,合理安排值班值守,本社区(村)居住人员一律凭证件出入并报告外出事由,外来人员和车辆不得进入(机关大院人员出入严格做好登记备案),做到群众出入情况清、外来人员不擅入。

3.必须对120日以后进藏人员采取14天居家隔离措施,做到防患于未然。

4.必须对出现确诊病例的村庄、居民小区或楼栋单元(包括机关大院楼栋单元)实行封闭式隔离,将密切接触者转至集中隔离场所,做到有效阻断。

5.必须对机关大院、村庄和居民小区环境卫生每日进行清扫,重点场所每日消毒不少于2次,做到无盲区、无死角。

6.必须在每个机关大院、村庄和居民小区合理设置废弃防护物品收集点,做到规范处置。

7.必须加强对社区(村)内出租房屋和所有在拉萨各级机关(包括区(中)直单位)出租房屋管理,发现疫情未及时报告要严格追究出租方责任,做到依法查处。

8.必须加强居民“红事”“白事”备案管理,村居党组织引导居民“红事”停办、“白事”简办,做到人员不聚集。

9.必须对社区(村)内公共服务场所加强检查督导,做到餐饮快递等配送卫生安全。所有在拉萨的机关企事业单位(包括区(中)直单位、驻军部队和区内地市在拉萨办事处)和社区(村)要对餐饮服务、快递代收等加强管理,严格落实防疫手段,坚持管理与服务并重,确保卫生安全。

10.所有在拉萨的机关企事业单位(包括区(中)直单位、驻军部队和区内地市在拉萨办事处)和社区(村)必须加强疫情防控知识宣传普及,做到家喻户晓、人人皆知、人人有责、人人防控。

二、全体市民“十不要”

1.全体市民要积极主动配合所在单位和社区(村)开展疫情排查防控,不要嫌麻烦、有抵触。

2.本人及家属从区外来拉萨,主动向所在单位、社区(村)报告,并居家隔离14天,不要随意外出。

3.出行尽量减少乘坐公共交通工具,不要增加传染风险。

4.出现发热、咳嗽等症状,及时就医,并向所在单位、社区(村)报告,不要耽误诊治。

5.出门带好口罩,在家勤洗手、勤通风,做好个人防护,不要麻痹大意。

6.合理处置废弃防护用品及生活垃圾,不要随意丢弃。

7.尽可能减少到人员聚集场所,不要聚餐和走亲访友。

8.主动向所在单位、社区(村)反映外来人员情况,不要瞒报迟报。

9.理性购买存储生活用品,不要盲目抢购囤积。

10.主动通过官方渠道了解疫情防控动态和防控知识,不要信谣传谣造谣。

拉萨市新型冠状病毒感染的肺炎疫情联防联控领导小组办公室

202026

相关推荐


解读中国 关注民生 引领休闲
扫码关注中国小康网公众号
ID:chxk365
返回顶部